"ད་རེས་ང་བཅས་ཁ་ཙ་བཟུམ་སྦེ་ལྟོཝ་བཀྱེས་ཏེ་ག་དེ་སྦེ་སྡོད་ནི་སྨོ།"
ང་བཅས་གཞོན་ནུའི་དབང་གིས་ བཞེས་སྒོ་མེད་པར་ འགྱོ་ནི་གི་ བློ་སྟོབས་བསྐྱེད་དེ་འབད་རུང་ ང་བཅས་རའི་ ཨམ་སྲུ་ཉམ་ཆུང་གི་ ཕོཝ་ལུ་ ག་ཅི་འབད་ཚུགས་ནི་སྨོ།
ང་བཅས་ཀྱིས་ ཨམ་སྲུ་སྤྱང་ཀ་གི་ལྟོཝ་བཀྱེས་མི་ལུ་ གནམ་མེད་ས་མེད་ ཚ་གྱང་ལང་དགོཔ་མེད་རུང་ ལོ་ཚད་ཀྱི་དབང་གིས་ ཧེ་མ་ལས་རང་ ཞན་ཁོག་འགྱོ་མི་ ང་བཅས་རའི་ ཕམ་རྒས་ཤོས་ཚུ་ ད་རེས་ བཞེས་སྒོ་མེད་པར་ འགྱོ་བ་ཅིན་ ཤི་འོང་། འདི་ལུ་ང་བཅས་ཀྱིས་ག་ཅི་འབད་ཚུགས།
འདོན་སྤེལ།: ༢༠༡༠/༠༣/༠༣ རིག་པ།(༠) འདི་ཡང་ གཟའ་ཉི་མའི་ཉིན།
ཁོ་གིས་ གོང་འཁོད་ཀྱི་སྐོར་ལས་ ལོག་ཅི་རང་ སེམས་སྐྱོ་སྟེ་ མིག་ཏོ་མིག་ཆུ་གིས་གང་སྟེ་ ལགཔ་གི་གདོང་ཁར་ ལགཔ་བཀལ་ཏེ་ ལྕགས་བཟོའི་ཐབ་ནང་ མེ་འབར་དོ་བཟུམ་སྦེ་ མནོ་བསམ་གཏང་དོ་ཡོདཔ་ཨིན་པས།
མིག་ཏོ་མིག་ཆུ་གིས་འཐོན་པའི་ཁར་ བཀྲེས་སྐོམ་གྱི་མེ་དང་ འཇིགས་སྣང་གི་མེ་དང་ ཚ་གྱང་གི་མེ་ཚུ་ཡང་ ཁོ་གི་ནང་ན་ཡོདཔ་ཨིན།
གོང་གི་གནས་སྟངས་ནང་ཡོད་མི་ དབུལ་ཕོངས་ཤོས་ཚུ་ལུ་ གྲོགས་རམ་འབད་ནི་འདི་ལུ་ སྙིང་རྗེ་ཟེར་སླབ་ཨིན།